SBS Tibetan - SBS བོད་སྐད་སྡེ་ཚན།

སྐྱབས་བཅོལ་བའི་བདུན་ཕྲག་སྲུང་བརྩི་དང་དང་རིགས་སྣ་ཚོགས་ཅན་གྱི་སྐྱབས་བཅོལ་བའི་སྐོར་རྒྱུས་ལོན་བྱེད་པའི་གོ་སྐབས་ཤིག

Listen on

Episode notes

ལོ་ལྟར་མི་གྲངས་ས་ཡ་མང་པོ་ཞིག་སོ་སོའི་ཚེ་སྲོག་གི་ཉེན་ཁ་ལས་གཡོལ་ཏེ་འཚོ་བ་བདེ་ཐང་ཞིག་བསྐྱལ་ཆེད་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད། ཨོ་སི་ཊོ་ལི་ཡའི་ནང་སྐྱབས་བཅོལ་བའི་བདུན་ཕྲག་ཞེས་ལོ་ལྟར་སྲུང་བརྩི་བྱེད་ནས་མི་མང་རྣམས་ལ་སྐྱབས་བཅོལ་བའི་སྐོར་གོ་རྟོགས་སྤེལ་བ་དང་། སྐྱབས་བཅོལ་བ་ཚོས་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་བཟང་ཕྱོགས་སུ་བསྐྱོད་པར་ཞབས་འདེབས་ཕུལ་བར་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།